
ཟླ7པའི་ཚེས9ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་འཛམ་གླིང”རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཉིན་ཞ་ཡུན་ཁྲོན་དུ་འཚོགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་ནི“དེང་རབས་ཅན་གྱི་ལམ་བུར་བསྐྱོད་པ་སྟེ། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་སྒོ”ཞེས་པ་དེ་རེད། རྒྱལ་ཁབ50ལྷག་གི་རྒྱལ་ཕྱིའི་སྲིད་ཏང་འགོ་ཁྲིད་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་པ་རེ་འགའ། རིག་མཛོད་ཆེད་མཁས་པ། སྨྱན་སྦྱོར་གྱི་འཐུས་མི་སོགས120ལྷག་ཚོགས་འདུར་ཞུགས། ཚོགས་ཞུགས་ཕྱི་རྒྱལ་སྐུ་མགྲོན་གྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཏེ་བསྟན་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་སྟོབས་ལྡན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོས་དབུལ་ནག་གི་རྣམ་པ་མཇུག་སྒྲིལ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་ཤིང་། འདི་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ཤིག་ཡིན། ཀྲུང་གོའི་ལག་ལེན་ལས་དབུལ་ཕོངས་ནི་བསྒྱུར་ཐབས་མེད་པའི་ལས་དབང་ཞིག་མིན་པར། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་པ་བདེན་དཔང་བྱས།