
ཕ་ཁི་སི་ཐན་ལྷོ་ནུབ་རྒྱུད་ཀྱི་པེ་ལུའུ་ཀྲི་ཞིང་ཆེན་གྱི་དཔོན་པོ་ཞིག་གིས་ཚེས7ཉིན་བཤད་རྒྱུར། ཞིང་ཆེན་འདིའི་ཉེན་རྟོག་སྒྲིག་བཀོད་ཅིག་ལ་ཚེས6ཉིན་གྱི་དགོང་མོར་འཇིགས་སྐུལ་རིང་ལུགས་པས་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ9རྐྱེན་ལམ་དུ་ཤོར།
ཞིང་ཆེན་འདིའི་ཅི་ཡ་ལ་ཐི་ས་ཁུལ་གྱི་ཆེད་དོན་མི་སྣ་ཞིག་གིས་གསལ་བསྒྲགས་ཤིག་གི་ཁྲོད་བསྟན་དོན། མིག་སྔར་བདེ་འཇགས་དམག་དཔུང་གིས་དོན་རྐྱེན་བྱུང་ཡུལ་ས་ཁུལ་དུ་གཙང་བཅོམ་བྱ་འགུལ་སྤེལ་གྱིན་ཡོད། རྐྱེན་ལམ་དུ་ཤོར་མཁན་གྱི་བེམ་པོ་ས་གནས་ཀྱི་སྨན་ཁང་དུ་བསྐྱལ་བ་དང་། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་འདིར་བརྟག་དཔྱད་བྱེད་ཀྱིན་ཡོད།
མིག་སྔར་རྩ་འཛུགས་གང་རུང་ཞིག་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་བསྒྲགས་མེད།