ཁུ་པ་རྒྱལ་ཡོངས་སུ་ཡང་བསྐྱར་གློག་ཆད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཁུ་པ་གློག་ཤུགས་མནའ་འབྲེལ་གྱིས་ཚེས6ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཁུ་པ་གློག་ཤུགས་མ་ལག་ལ་ཁྱོན་ཡོངས་ནས་གློག་ཆད།

སྤྱི་བསྒྲགས་ལས་བཤད་རྒྱུར། རྒྱུ་རྐྱེན་བརྟག་བཞིན་པའི་སྒང་ཡིན་ལ། འཕེལ་རིམ་རྒྱུན་མཐུད་ངང་གསར་སྒྱུར་བྱེད་ངེས་ཡིན།

ཨ་རིའི་བཀག་སྡོམ་གྱི་ཤུགས་རྐྱེན་ཐེབས་ཏེ། ཁུ་པ་ཡིས་དུས་ཡུན་རིང་པོར་འབར་རྫས་དང་རྙིང་འགྱུར་ཚབས་ཆེ་བ་ཞིག་གསོའི་གློག་འདོན་བཟོ་གྲྭར་མཁོ་བའི་སྒྲིག་ཆས་ནང་འདྲེན་བྱེད་དཀའ་བར་གྱུར་ཏེ། རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་འདོན་ཛ་དྲག་ཏུ་གྱུར་བ་རེད། 2024ལོའི་ཟླ10པའི་ཚུན་ལ། གློག་ཤུགས་སྒྲིག་བཀོད་ལ་ཆག་སྐྱོན་བྱུང་བ་དང་། རླུང་འཚུབ་གཡུག་པ་སོགས་རྒྱུ་རྐྱེན་གྱིས་ཁུ་པ་རྒྱལ་ཡོངས་སུ་ཐེངས་མང་པོར་གློག་ཆད་པ་རེད།