མཱ་ལིའི་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན200ལྷག་བསད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཱ་ལིའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས7ཉིན་སྤྱི་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱིས་བྱང་ངོས་ཀྱི་ཅི་ཏཱ་ཨར་ས་ཁུལ་གྱི་ཨ་ནེ་ཧྥེ་སི་ཐི་སི་རུ་མུ་མཐུད་དུ་ས་ངོས་དང་མཁའ་ལམ་ནས་རོགས་རེས་བྱེད་པའི་གཙང་ཕྱགས་འགུལ་སྐྱོད་སྤེལ་བ་དང་། ཚེས6ཉིན་འཇིགས་སྐུལ་ཉེས་ཅན200ལྷག་བསད་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ལིའི་དྲག་ཆས་དམག་དཔུང་གིས་ཚེས6ཉིན་ཨ་ནེ་ཧྥེ་སི་རུ་བར་སྣང་འཇབ་རྒོལ་ཐེངས35སྤེལ་ཏེ། ཁྲབ་ལྡན་འཁོར་ལོ5དང་འཁོར་སྒམ་ཅན་གྱི་རླངས་འཁོར20། འཕྲུལ་རྟ100བཅས་གཏོར་བར་མ་ཟད། འཇིགས་སྐུལ་ཉེས་ཅན200ལྷག་བསད། དམག་ཕྱོགས་ཀྱིས་སྔར་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་རག་བར་མུ་མཐུད་དུ་ས་ཁུལ་དེར་གཙང་ཕྱགས་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།