ཁཱ་ཐར་གྱིས་རང་གི་སྐྱེལ་འདྲེན་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་དབྱི་ལང་ལ་ངོ་རྒོལ་འཕྲིན་ཡིག་སྤྲད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་ཚེས7ཉིན་ཁཱ་ཐར་དུ་སྡོད་པའི་དབྱི་ལང་གི་གཞུང་ཚབ་ཆེན་མོ་གཞོན་པ་བོས་ནས། ཁཱ་ཐར་ཕྱོགས་ཀྱི་སྐྱེལ་འདྲེན་གྲུ་གཟིངས་ཤིག་ལ་ཉེ་སྔོན་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་སུ་འཇབ་རྒོལ་ཐེབས་པའི་ཐད་ནས་དབྱི་ལང་ཕྱོགས་ལ་ངོ་རྒོལ་འཕྲིན་ཡིག་སྤྲད།

ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ངོ་རྒོལ་འཕྲིན་ཡིག་ལས་བསྟན་དོན། ཁཱ་ཐར་གྱི་སྐྱེལ་འདྲེན་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་དེ་ལས་རྒྱལ་སྤྱིའི་མཚོ་ཐོག་གི་འགྲུལ་བཞུད་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པ་དང་། ཐད་ཀར་དུ་གོ་ལ་ཧྲིལ་བོའི་ནུས་ཁུངས་མཁོ་འདོན་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་པར་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་ལ་མངོན་གསལ་གྱིས་འགལ་ཡོད་ཟེར། ཁཱ་ཐར་གྱིས་དབྱི་ལང་གིས་མྱུར་མོད་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་གསལ་བཤད་བྱེད་དགོས་པའི་རེ་བ་བཏོན།

བསོད་ནམས་ཚེ་རིང་གིས་བསྒྱུར།