ཨ་མེ་རི་ཁས་སྐོར་ཐེངས་གསར་བའི་དབྱི་ལིང་གི་བཀག་སྡོམ་མིང་ཐོ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ཕྱིའི་རྒྱལ་ཁབ་ཀྱི་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་གིས་ཚེས19ཉིན་སྐོར་ཐེངས་གསར་བའི་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ། དབྱི་ལིང་ལ་སྔར་ལས་ལྷག་པའི་གནོན་ཤུགས་བྱིན།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ཕྱིའི་རྒྱལ་ཁབ་ཀྱི་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། བཀག་སྡོམ་མིང་ཐོའི་ཁྲོད་དུ་རྒྱལ་ཁབ་དང་ས་ཁུལ་མང་བོ་ནས་ཡོང་བའི་མི་སྒེར12དམིགས་བསལ་གྱི་རྒྱལ་དམངས་གསལ་ཁྲའི་ནང་བཞག་ཡོད། དེ་ལས་གཞན་བཀག་སྡོམ་མིང་ཐོའི་ཁྲོད་ད་རུང་སྣུམ་འདྲུད་གྲུ་གཟིངས་དང་གཤེར་གཟུགས་རྡོ་སྣུམ་སོལ་རླངས། རྫས་འགྱུར་ཐོན་རྫས་སྐྱེལ་འདྲེན་གྲུ་གཟིངས་བཅས19དང་། ཉོ་ཚོང་དང་འགྲུལ་བཞུད་ཀྱི་ཁེ་ལས29འདུས་ཡོད། དེའི་ནང་དབྱི་ལིང་དུ་ཕྱི་དངུལ་ཉོ་ཚོང་གཉེར་བའི་ཨ་མན་ཉོ་ཚོང་ཁང་དང་འབྲེལ་ཡོད་ཀྱི་མི་སྒེར་དང་ཁེ་ལས་ལ་བཀག་སྡོམ་ཐེབས་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།