
ཨ་མེ་རི་ཁའི་དུས་ཚོད་ཚེས18ཉིན་གྱི་ཕྱི་དྲོར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁཱ་ཐར་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་འགོ་ཁྲིད་པའི་རེ་བ་བཏོན་པ་ལྟར། ཁོས་བཀའ་རྒྱ་བཏང་སྟེ་ཚེས19ཉིན་དབྱི་ལིང་ལ་སྤེལ་རྩིས་ཡོད་པའི་དམག་དོན་དཔུང་འཇུག་དེ་རྗེས་སུ་སྣུར་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་གཟབ་ནན་ངང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གོང་སྨྲས་ཀྱི་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་བལྟས་ན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཨ་མེ་རི་ཁ་དང་དབུས་ཤར་ས་ཁུལ་ལམ་ཡང་ན་ཁྱབ་རྒྱ་སྔར་ལས་ཆེ་བའི་རྒྱལ་ཁབ་ཚང་མས་དང་ལེན་ཐུབ་པའི་གྲོས་མཐུན་འགོད་ཐུབ་པར་འདོད་ཡོད་ལ། གལ་ཆེ་བ་ནི་གྲོས་མཐུན་དེ་ལས་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་མེད་པ་གཏན་འཁེལ་བྱེད་དགོས་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། གོང་སྨྲས་ཀྱི་འགོ་ཁྲིད་པ་དག་ལ་བརྩི་འཇོག་བྱེད་ཆེད། ཁོས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི་དང་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའ་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཁའེ་ཨིན། ཨ་མེ་རི་ཁའི་དམག་དཔུང་བཅས་ལ་བཀའ་རྒྱ་བཏང་སྟེ། ཚེས19ཉིན་སྤེལ་རྩིས་ཡོད་པའི་དབྱི་ལིང་གི་དཔུང་འཇུག་དེ་རྗེས་སུ་སྣུར་ཡོད། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། གལ་ཏེ་ཡིད་ཚིམས་པའི་གྲོས་མཐུན་འགོད་མ་ཐུབ་ན། དུས་ངེས་མེད་དུ་དབྱི་ལིང་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།