
ཧན་གོའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཞན་གྱིས་ཚེས17ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་ཁ་པར་བཏང་སྟེ། དབྱི་ལིང་གིས་ཉེ་སྔོན་ཧན་གོའི་གྲུ་གཟིངས་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་འཇབ་རྒོལ་ཐེབས་པའི་ཐད་ནས་ལངས་ཕྱོགས་གསལ་སྟོན་བྱེད་དགོས་པའི་རེ་བ་བཏོན།
ཧན་གོའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས་ཉེ་སྔོན་གྱི་དབུས་ཤར་ས་ཁུལ་གྱི་གནས་བབ་དང་། ཧན་གོ་དང་དབྱི་ལིང་ཕྱོགས་གཉིས་ཀྱི་འབྲེལ་བ། དེ་མིན་ཧའོ་ཨར་མུའུ་ཙི་མཚོ་འགག་གི་ཧན་གོའི་གྲུ་གཟིངས་ཀྱི་བདེ་འཇགས་འགྲུལ་བཞུད་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཟེར།
ཀྲའོ་ཞན་གྱིས་བསྟན་དོན། མིག་སྔར་ཧན་གོའི་སྲིད་གཞུང་གིས་ཧན་གོའི་གྲུ་གཟིངས་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཧན་གོ་ཕྱོགས་ཀྱིས་དབྱི་ལིང་གིས་འབྲེལ་ཡོད་དོན་རྐྱེན་ཐད་ནས་ལངས་ཕྱོགས་གསལ་སྟོན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། ཁོས་ད་རུང་ཧན་གོའི་གྲུ་གཟིངས་དང་བཅས་པའི་གྲུ་གཟིངས་ཚང་མ་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་བདེ་འཇགས་དང་རང་དབང་ངང་འགྲུལ་བཞུད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཨ་ལཱ་ཀི་ཆི་ཡིས་ཁ་པར་གཏོང་སྐབས་དབྱི་ལིང་ཕྱོགས་ཀྱི་མིག་སྔའི་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ཀྱི་ལངས་ཕྱོགས་མཚམས་སྦྱོར་བྱས་པ་དང་། ཧའོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་འགྲུལ་བཞུད་སླར་གསོ་བྱེད་པར་འཐད་པ་ཡིན་པའི་ཚུལ་བསྟན་པར་མ་ཟད། གང་མགྱོགས་སྒོས་མཚོ་འགག་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།