
ཚེས15ཉིན་ལེ་པ་ནོན་སྲིད་གཞུང་དང་དབྱི་སི་རལ་གྱིས་ཨ་རིའི་ཝ་ཧྲིང་ཐོན་དུ་འཚོགས་པའི་རེས་སྐོར་གསར་པའི་གྲོས་མོལ་མཇུག་སྒྲིལ། ལེ་པ་ནོན་ཕྱོགས་དང་ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ལེ་པ་ནོན་དང་དབྱི་སི་རལ་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དེ་སླར་ཡང་ཉིན45རིང་དུ་བཏང་ནས། གྲོས་མོལ་ལ་ཡར་རྒྱས་སྔར་ལས་ལྷག་པ་ཡོང་ཆེད་ཆ་རྐྱེན་བསྐྲུན་རྒྱུ་རེད།
ཚེས15ཉིན་དབྱི་སི་རལ་དམག་དཔུང་གིས་མུ་མཐུད་དུ་ལེ་པ་ནོན་ལྷོ་རྒྱུད་ཀྱི་ས་ཆ་མང་པོར་འཇབ་རྒོལ་བྱས། ལེ་པ་ནོན་ཕྱོགས་ཀྱི་གཞི་གྲངས་ལ་གཞིགས་ན། ཉིན་དེར་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་ལས་ཉུང་མཐའ་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གྲངས་ལ་རྨས་ཕོག ལེ་པ་ནོན་ཀྲེན་ཀྲུའུ་ཏང་གིས་ཉིན་དེར་ལེ་པ་ནོན་ལྷོ་རྒྱུད་ཀྱི་དབྱི་སི་རལ་གྱི་དམག་མི་དང་ཐན་ཁེ་སོགས་དམིགས་འབེན་ལ་རྡུང་རྡེག་བཏང་བར་བསྟན། ལེ་པ་ནོན་དང་དབྱི་སི་རལ་གྱིས་ཟླ4ཚེས17ཉིན་གནས་སྐབས་དམག་མཚམས་བཞག་པའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གི་ལེ་པ་ནོན་ལྷོ་རྒྱུད་ས་ཁུལ་གྱི་ས་ངོས་འགུལ་སྐྱོད་དང་མཁའ་ཐོག་འཇབ་རྒོལ་ཐོག་མཐའ་བར་གསུམ་དུ་མཚམས་བཞག་མ་མྱོང་།