འཇར་པན་མང་ཚོགས་ཀྱིས་འདུ་འཛོམས་བྱས་ནས་སྲིད་གཞུང་གིས་མཚོན་ཆ་ཕྱིར་གཏོང་བཀག་སྡོམ་གློད་པར་རྒོལ་གཏམ་བཏང་བ་དང་། འཇར་པན་མི་སྣས་ཀའོ་ཧྲི་སྲིད་དབང་གི་སྒྲུབ་སྟངས་དེ་རྩ་ཁྲིམས་དང་འགལ་ཡོད་པར་སྐྱོན་བརྗོད་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

       ཚེས21ཉིན། འཇར་པན་སྲིད་གཞུང་གིས་ནང་བློན་ཁང་གི་གྲོས་ཆོད་བརྒྱུད། “འགོག་སྲུང་སྒྲིག་ཆས་གནས་སྤོར་གྱི་རྩ་དོན་གསུམ་དང་བཀོལ་སྤྱོད་ཕྱོགས་སྟོན་ལ་བཟོ་བཅོས་བྱས་པ་དང་། དེས་རྩ་དོན་ཐོག་ཉེན་ཁའི་རང་བཞིན་ལྡན་པའི་མཚོན་ཆ་ཕྱིར་གཏོང་བྱས་ཆོག་པ་མཚོན་ཡོད།  ཚེས21ཉིན། འཇར་པན་གྱི་མང་ཚོགས་ཁག་ཅིག་གིས་དབུ་བཞུགས་བློན་ཆེན་གྱི་གཟིམ་ཤག་མདུན་དུ་འདུ་འཛོམས་བྱས་ཏེ། གོ་མཚོན་ཕྱིར་གཏོང་བཀག་སྡོམ་གློད་པར་རྒོལ་གཏམ་བཏང་། 

འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། རྒྱལ་ཚོགས་མི་བརྒྱུད་པར་གང་འདོད་དུ་ཐག་གཅོད་བྱས་པས།འདི་ནི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ཟེར། 

འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། ཚེས21ཉིན་སྲིད་གཞུང་གིས་མཚོན་ཆ་ཕྱིར་གཏོང་བཀག་སྡོམ་གློད་པའི་ཚོགས་འདུ་འཚོགས་པ་དང་། འདི་ནི་ང་ཚོ་སྣང་མེད་དུ་བཞག་པ་རེད། དངོས་ནས་ཁོང་ཁྲོ་ལངས་བ་ཞིག་རེད་ཟེར། 

འཇར་པན་མི་སྣ་མང་པོས་ཀྱང་ཀའོ་ཧྲི་སྲིད་དབང་གི་འབྲེལ་ཡོད་བྱེད་སྟངས་ལ་ངོ་རྒོལ་བྱས། 

འཇར་པན་སྤྱི་ཚོགས་དམངས་གཙོ་ཏང་གི་འགོ་གཙོ་ཧྥུ་ཏའོ་རུའེ་སེ་ཡིས་བཤད་རྒྱུར། འཇར་པན་ནི་མ་གཞི་ནས་ཕྱི་རྒྱལ་དུ་མཚོན་ཆ་ཕྱིར་འཚོང་མི་བྱེད་པའི་རྒྱལ་ཁབ་ཅིག་ཡིན་ལ། ད་ལྟ་ནང་བློན་ཁང་གི་གྲོས་ཆོད་ཁོ་ནར་བརྟེན་ནས་བཀག་རྒྱ་གློད་པས། འདི་ནི་གཏན་ནས་དང་ལེན་བྱེད་མི་རུང་། དེ་རིང་ངས་ངེས་པར་དུ་གྲོས་ཁང་གོང་མར་འདྲི་རྩད་བྱེད་རྒྱུ་ཡིན་ཟེར། 

འཇར་པན་ཏུང་ཧའེ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཧྲན་ཞཱ་ཡ་ཡན་གྱིས་བཤད་རྒྱུར། འདི་ནི་རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་དང་འགལ་ཡོད་པས། གཏན་ནས་སྣང་མེད་དུ་འཇོག་མི་རུང་། ཀའོ་ཧྲི་ཡིས་ད་དུང“རྩ་ཁྲིམས་བཟོ་བཅོས”ལ་སྐུལ་འདེད་གཏོང་རྩིས་ཡོད་པ་དེ་ནི་རྩ་ཁྲིམས་ལ་གཏོར་བརླག་བཏང་བ་རེད། དངོས་ནས་ཁོང་ཁྲོ་ལངས་བ་ཞིག་ཡིན་ཏེ། གཏན་ནས་དེ་ལྟར་བྱེད་དུ་འཇུག་མི་རུང་། དེར་བརྟེན་ཉེ་ཆར་རྒྱལ་ཚོགས་ཀྱི་མདུན་དང་འཇར་པན་གྱི་རྒྱལ་ཡོངས་ས་གནས་ཁག་ཏུ་མུ་མཐུད་དུ་འདུ་འཛོམས་བྱས་ཏེ་རྒོལ་གཏམ་བྱེད་སྒོ་སྤེལ།   ཀའོ་ཧྲི་ཙའོ་མེའོ་ཡི་བྱེད་སྟངས་ཀྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་པས། ཁོ་མོ་དབུ་བཞུགས་བློན་ཆེན་བྱེད་པར་མི་འཚམ། ངས་བསམ་ན་ཁོ་མོ་ཐ་ན་རྒྱལ་ཚོགས་ཀྱི་གྲོས་མི་བྱེད་པའི་ཐོབ་ཐང་ཡང་མེད་སྙམ། 

འཇར་པན་གྱི“ཀྲུང་ཏའོ་བཅོས་བསྒྱུར་མཉམ་འབྲེལ”གྱི་ལས་སྒྲུབ་འགོ་གཙོ་ཅེ་མེང་གིས་བསྟན་དོན། སྲིད་གཞུང་གིས་རྒྱལ་ཚོགས་ཞུགས་མེད་པའི་གནས་ཚུལ་འོག  རང་སྣང་གང་ཤར་གྱིས་མཚོན་ཆ་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་ན། “ཞི་བདེའི་རྒྱལ་ཁབ་”ཀྱི་རྩ་བར་གཡོ་འགུལ་ཐེབས་སྲིད་ཟེར།  

འཇར་པན་གུང་ཁྲན་ཏང་ཁོངས་ཡིན་པའི་གྲོས་ཁང་གོང་མའི་གྲོས་མི་ཧྲན་ཐེན་ཐའོ་ཡིས་བསྟན་དོན། ཕྱོགས་ཡོངས་ནས་མཚོན་ཆ་ཕྱིར་གཏོང་བཀག་རྒྱ་གློད་པ་དེ་རྒྱལ་སྤྱིའི་འགལ་བར་རམ་འདེགས་བྱེད་པ་དང་འདྲ་བས། འཇར་པན་ནི“དམག་འཁྲུག་གི་ཁེ་བཟང་རག་མཁན་རྒྱལ་ཁབ”ཅིག་ཏུ་གྱུར་ཡོད། འདི་ནི་ཞི་བདེའི་རྩ་ཁྲིམས་ཀྱིས་འཛིན་པའི་འདུ་ཤེས་དང་རྩ་བ་ནས་འགལ་ཡོད་པས། ངས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན་ཟེར།