
ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས21ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་མི་དབྱེ་ལཱ་ཝ་ནེ་ཡི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་དབྱི་ལིང་གི་མཚོ་ཐོག་བཀག་སྡོམ་མེད་པར་བཏང་ན། རྒྱལ་ཁབ་གཉིས་ཀྱིས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་བའི་རྨང་གཞིར་འགྱུར་ཡང་སྲིད་ཟེར།
དབྱེ་ལཱ་ཝ་ནེ་ཡིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་མཚོ་ཐོག་བཀག་སྡོམ་མེད་པར་གཏོང་རྩིས་ཡོད་པའི་སྣང་ཚུལ་བྱུང་ཡོད་ལ། དེ་རྒྱལ་ཁབ་གཉིས་ཀྱིས་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་སྐོར་ཐེངས་གཉིས་པའི་ཐད་ཀར་གྲོས་མོལ་སྤེལ་བའི་རྨང་གཞིར་འགྱུར་སྲིད་ཟེར།
བསྒྲགས་པ་ལྟར་ན། དབྱི་ལིང་ཕྱོགས་ཀྱིས་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་དབྱི་ལིང་གྲུ་ཁའི་མཚོ་ཐོག་འགྲུལ་བཞུད་ལ་བཀག་སྡོམ་བྱས་པ་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་འགལ་དུ་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།