
དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས21ཉིན་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་བཀག་སྡོམ་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་སྒོ་ནས་གྲོས་མོལ་སྐབས་སུ་མགོ་སྒུར་དུ་འཇུག་རྩིས་ཡོད་པའམ། ཡང་བསྐྱར་འཐབ་འཁྲུག་ལ་ངན་སྐུལ་བྱས་པའི་ཁ་གཡོར་ས་འཚོལ་རྩིས་ཡོད་ཀྱང་། དབྱི་ལིང་གིས་བཙན་སྐུལ་བྱ་སྤྱོད་དེ་རིགས་དང་ལེན་བྱེད་མི་སྲིད་ཟེར།
ཁོས་ཉིན་དེའི་ཞོགས་པར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་ནན་བཤད་བྱས་དོན། དབྱི་ལིང་གིས་འཇིགས་སྐུལ་འོག་སྤེལ་བའི་གྲོས་མོལ་དང་ལེན་བྱེད་མི་སྲིད་པ་དང་། གཡུལ་ས་ནས་བྱེད་ཐབས་གསར་བ་འདོན་རྩིས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།