དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱིས་གཞི་རྩའི་ལངས་ཕྱོགས་གསུམ་བསྐྱར་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ་བཞི་བའི་ཚེས20ཉིན། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས། དབྱི་ལིང་གི་རྒྱལ་དར་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས་གཏོར་བརླག་ཚབས་ཆེན་བཏང་བའི་སྡོད་དམངས་འདུས་སྡོད་ཁུལ་ཞིག་གི་ཁང་ཐོག་ཏུ་འཐེན་ཡོད།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐཱ་པཱ་ཡིས་ཚེས20ཉིན་འཐབ་འཁྲུག་གི་སྐྱིན་ཚབ་སྤྲོད་པ་དང་བཅས་པའི་གཞི་རྩའི་ལངས་ཕྱོགས་གསུམ་བཏོན་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

མུའུ་ཅེ་ཐཱ་པཱ་ཡིས་བཤད་རྒྱུར། དབྱི་ལིང་གིས་རང་ལ་འཇབ་རྒོལ་བྱེད་མཁན་གྱིས་འཐབ་འཁྲུག་ལས་བཟོས་པའི་གྱོང་གུད་ལ་སྐྱིན་ཚབ་སྤྲོད་དགོས་པ་དང་། ཧའོ་ཨར་མུའུ་ཙི་མཚོ་འགག་གི་དོ་དམ་དེ་དུས་རིམ་གསར་བར་བསླེབས་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཚུལ་མཐུན་གྱི་ཁེ་དབང་མི་བསྐྱུར་བ་དང་ས་ཁུལ་རང་གི་འགོག་རྒོལ་གཡུལ་ས་ཚང་མ་གཞི་གཅིག་ཅན་དུ་རློམ་ཡོད་ཟེར།

ཟླ་འདིའི་ཚེས9ཉིན། མུའུ་ཅེ་ཐཱ་པཱ་ཡིས་དབྱི་ལིང་གི་སྔོན་ཆད་ཀྱི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཚེ་ལས་འདས་ནས་ཉིན40འགོར་བ་དང་མིག་སྔའི་འཐབ་འཁྲུག་སོགས་ཀྱི་གྲོས་གཞིའི་ཐད་ནས་ཡིག་ཐོག་གི་གཏམ་བཤད་སྤེལ་ཏེ། གོང་གི་འདོད་བློ་དེ་གསུམ་བཏོན་པ་རེད།

བསོད་ནམས་ཚེ་རིང་བསྒྱུར།