དབྱི་ལིང་གི་སྲིད་འཛིན་གྱིས་ཀྲུང་གོ་སོགས་རྒྱལ་ཁབ་དྲུག་གི་འཐབ་འཁྲུག་ལ་རྒོལ་བའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས14ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སི་ཕན་དང་ཀྲུང་གོ། ཨུ་རུ་སི། ཐུར་ཁེ། དབྱི་ཐཱ་ལེ། ཨེ་ཅིབ་བཅས་རྒྱལ་ཁབ་དྲུག་གིས་འཐབ་འཁྲུག་ལ་རྒོལ་བའི་ལངས་ཕྱོགས་བསྟན་པར་གཟེངས་བསྟོད་བྱས།

ཕའེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། དཔལ་ཡོན་གྱི་ངོ་བོ་དེ་གནད་འགག་གི་ལོ་རྒྱུས་དུས་རིམ་དུ་མངོན་པར་བྱེད་དགོས། གོང་སྨྲས་རྒྱལ་ཁབ་དྲུག་གི་ལངས་ཕྱོགས་དེ་ཁོ་ཚོའི་རྔམ་མཐུག་པའི་རིག་གནས་དང་ལོ་རྒྱུས་ཀྱི་རྨང་གཞི་ལས་བྱུང་བ་རེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།