
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་མཁན་ཀྲི་ལིའི་སྲིད་འཛིན་ཁ་སི་ཐེ་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་མཁན་ཀྲི་ལིའི་སྲིད་འཛིན་ཁ་སི་ཐེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཀྲི་ལི་གཉིས་ནི་རྒྱ་མཚོའི་ཕ་རོལ་གྱི་གྲོགས་པོ་བཟང་བོ་ཡིན། ཀྲི་ལི་ནི་ཐོག་དང་པོར་ཀྲུང་གོ་གསར་པ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་སྤྱིའི་དུས་བབ་ཀྱི་ཚོད་བགམ་བརྒྱུད་ཡུན་རིང་སྐྱོན་བྲལ་དང་གཏན་འཇགས་ངང་འཕེལ་རྒྱས་ཕྱིན་ཡོད། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སྐྱོད་པའི་ཉམས་མྱོང་གལ་ཆེ་ཤོས་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་བྱ་རྒྱུ་དེ་རེད། ད་ལོ་ནི་ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་དང་། རྒྱལ་ཁབ་གཉིས་ཀྱི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་ནུས་པ་ཐོན་ནས་ལོ20འཁོར་བའི་ལོ་ཡང་ཡིན་པས། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བ་སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད་ཀྱི་དུས་མཚམས་གལ་ཆེན་དང་འཕྲད་ཡོད། ངས་སྲིད་འཛིན་ཁ་སི་ཐེ་དང་མཉམ་དུ་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཡང་དག་པའི་ཁ་ཕྱོགས་བརྟན་པོ་སྲུང་འཛིན་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་གཞི་བཀོད་ནས་རང་སའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟོན་དོན། ཀྲུང་གོ་དང་ཀྲི་ལི་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་དགོས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་མཉམ་འགྲོ་མཁན་བྱེད་དགོས། ཀྲུང་གོ་དང་ཀྲི་ལིའི་དཔལ་འབྱོར་གྲུབ་ཚུལ་ཕན་ཚུན་གསབ་རེས་དང་མཉམ་ལས་ཀྱི་རྨང་གཞི་ཟབ་མོ་ཡོད་པས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་ཚོང་དོན་དང་ནུས་ཁུངས། གཏེར་ཁ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གནམ་དཔྱད་སོགས་སྲོལ་རྒྱུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། མི་ཐབས་རིག་ནུས་དང་གླིང་སྣེའི་ཚན་རིག་རྟོག་ཞིབ། མཚོ་གཏིང་བརྟག་ཞིབ་སོགས་གསར་དར་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཕྱོགས་ཡོངས་ནས་མཉམ་ལས་བྱེད་མཁན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་ཕྱོགས་དང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་འབྲེལ་གཏུག་དང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ། ལ་ཏིང་མེ་གླིང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་དེ་བས་མང་པོ་བསྩལ་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་བྱེད་དགོས།
ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་མཁན་ཀྲི་ལིའི་སྲིད་འཛིན་ཁ་སི་ཐེ་ལ་མཇལ་འཕྲད་གནང་།
ཁ་སི་ཐེ་ཡིས་ཡིས་བསྟན་དོན། ཀྲི་ལི་དང་ཀྲུང་གོ་བར་ཕྱི་འབྲེལ་བཙུགས་པ་ནས་བཟུང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོ་ནི་ལོ་མང་པོའི་རིང་ལ་ཀྲི་ལིའི་ཉོ་ཚོང་གྲོགས་པོ་ཆེན་པོ་དང་པོ་ཡིན། ཞིང་ལས་ཐོན་རྫས་དང་གཏེར་ཁ་ཕྱིར་གཏོང་བྱ་ཡུལ་ཆེ་ཤོས་ཡིན་པའི་ཆ་ནས་ཀྲུང་གོ་དང་མཉམ་ལས་བྱས་ནས་ཀྲི་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་ནི་ཀྲི་ལིའི་ལས་རིགས་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་རེད། ཀྲི་ལིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་འབྲེལ་བ་བཟང་པོ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། ཉོ་ཚོང་དངུལ་གཏོང་མཉམ་ལས་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཞིང་ལས་དང་གཏེར་ལས། ནུས་ཁུངས་གསར་པའི་རླངས་འཁོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཐབས་རིག་ནུས་སོགས་ཀྱི་མཉམ་ལས། སློབ་གསོ་དང་རིག་གནས་སྤེལ་རེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲི་ལིས་ཀྲུང་གོ་ཕྱོགས་དང་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་རོགས་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པ་དང་རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།