ཞི་ཅིན་ཕིང་བཟའ་ཟླ་གཉིས་ཀྱིས་སུའུ་ལིན་བཟའ་ཟླ་གཉིས་དང་མཛའ་བརྩེའི་ཞལ་གྱེས་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ལྕམ་མོ་ཝུའུ་ཧྥང་ལི་རྣམ་གཉིས་དང་མཛའ་བརྩེའི་ཞལ་གྱེས་གནང་།

ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ལྕམ་མོ་ཝུའུ་ཧྥང་ལི་རྣམ་གཉིས་དང་མཛའ་བརྩེའི་ཞལ་གྱེས་གནང་།

ཞི་ཅིན་ཕིང་གིས་དེ་རིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གཉིས་ཀྱིས་མཉམ་དུ་དོ་ཁུར་བྱེད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་དུས་ཚོད་རིང་པོར་བརྗེ་རེས་གཏིང་ཟབ་བྱས་ནས། ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་མང་པོ་བྱུང་། ང་ལ་ཀྲུང་གོ་དང་ཡོ་ནན་གཉིས་ཀ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། ང་ཚོས་མུ་མཐུད་དུ་བགྲོད་ལམ་འདིས་གཏན་འཁེལ་བྱས་པའི་ཁ་ཕྱོགས་དེད་དེ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བྱེད་དགོས། ང་ཚོ་ནི་བདེ་སྡུག་མཉམ་མྱོང་གི་ཁྱིམ་མཚེས་བཟང་པོ་ཡིན་པ་དང་། མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། དེང་རབས་ཅན་མངོན་འགྱུར་བྱེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བྱེད་དགོས། ང་ཚོ་ཚང་མས་གནམ་འོག་སྤྱི་སྙོམས་ཡིན་པའི་ལྟ་སྟངས་བཟུང་ཡོད་པ་དང་། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་འོག མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གྲོགས་པོ་བྱེད་དགོས་པའི་ཚོར་སྣང་སྐྱེས། སང་ཉིན་ཁྱེད་རང་ཀོང་ཞིར་འཚམས་འདྲི་བྱེད་པར་སོང་ནས། སླར་ཡང་ཀྲུང་གོར་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་རྒྱུ་རེད།  ང་ཚོས་ཡོ་ནན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་དེ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།

སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པར་བློ་མཐུན་དང་གཅེན་གཅུང་ལྟ་བུའི་སྣེ་ལེན་གནང་བར་བཀའ་དྲིན་ཞུས། སུའུ་ལིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་དམིགས་བསལ་གྱི་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་པ་དང་། ཡོ་ནན་ཕྱོགས་ལ་དམིགས་བསལ་མཛའ་མཐུན་གྱི་བརྩེ་སེམས་མངོན་པ་དེས་ཡོ་ནན་ཕྱོགས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག དེང་སྐབས་ཡོ་ནན་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཐོག་གི་ཆེས་བཟང་བའི་དུས་སྐབས་སུ་གནས་པ་དང་། ཐེངས་འདིའི་འཚམས་འདྲིའི་ཁྲོད་ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་བྱུང་ལ། མཉམ་ལས་གྲོས་མཐུན་མང་པོ་བཀོད་པ་དང་། ད་བར་དུ་འཚམས་འདྲི་ལེགས་འགྲུབ་བྱུང་ཡོད། ཐེངས་འདིར་ང་ཚོས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་པ་མ་ཟད་གྲུབ་འབྲས་གལ་ཆེན་ཐོབ་པར་བདེན་དཔང་བྱེད་ཐུབ་སོང་། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ལག་བསྟར་དོན་འཁྱོལ་ཁྱོན་ཡོངས་ནས་དམ་འཛིན་བྱེད་པ་དང་། ཐེངས་འདིའི་འཚམས་འདྲིའི་ཐད་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དེ་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་བསྒྱུར་ནས། རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་འདོད་ཡོད། 

ཚའེ་ཆི་དང་། ཝང་དབྱི་སོགས་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས།