
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཆེས་གཟབ་ནན་གྱི་ལམ་ལུགས་ལ་བརྟེན་ནས་ནགས་རྩྭའི་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་དང་། ནགས(རྩྭ)དཔོན་ལམ་ལུགས་གཏིང་ཟབ་དོན་འཁྱོལ་བྱས་ཏེ། ཆ་འཕྲིན་ཁྱབ་བསྒྲགས་དང་ནགས་རྩྭ་སྐོར་ཞིབ། ལྟ་སྐུལ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་གལ་ཆེན་སྔར་ལས་འཐུས་ཚང་དུ་བཏང་པ་དང་། “ནགས་རྩྭའི་དཔོན+ཞིབ་དཔྱོད་དཔོན+ཉེན་རྟོག་དཔོན”སོགས་ཀྱི་ལམ་སྲོལ་གསར་པ་འཚོལ་ཞིབ་དང་གསར་འཛུགས་བྱས་ནས། ལམ་ལུགས་ལ་བརྟེན་ནས་ནགས་ཚལ་བཅོས་སྐྱོང་དང་ལམ་ལུགས་ལ་བརྟེན་ནས་རྩྭ་ཐང་སྲུང་སྐྱོང་བྱེད་པའི་ལག་ལེན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ཐེན་ཅན་གྱིས་བཤད་རྒྱུར། ལོ་ཕྱེད་ལྷག་ལ་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་པ་བརྒྱུད། ང་ཚོས་སྔར་ཡོད་ཀྱི་ལམ་ལུགས་ཡིག་ཆ77ལ་ཁྱོན་ཡོངས་ནས་དབྱེ་དགར་བྱས། མིག་སྔའི་བར་རྣམ་གྲངས4མེད་པར་བཟོས་པ་དང་། རྣམ་གྲངས26ལ་དག་བཅོས་དང་གསར་འཛུགས་བྱས་ཏེ། ང་ཚོའི་ལམ་ལུགས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན།
ཞིབ་ཕྲའི་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་མ་ལག་གིས《མཚོ་སྔོན་ཞིང་ཆེན་ནགས་རྩྭའི་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལག་བསྟར་ཇུས་གཞི》དེ་སྤྱི་འདོམས་སུ་བྱེད་པ་དང་། ལས་སྒོ་སོ་སོའི་ཁྱབ་ཁོངས་ཀྱི་ཆེད་དོན་ལམ་ལུགས་དེ་འདེགས་སྐྱོར་ཡིན་པའི“1+N”ལམ་ལུགས་མ་ལག་བཙུགས་ཤིང་། རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུར་དམིགས་ནས《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་ལག་བསྟར་ཇུས་གཞི》བཏོན་པ་དང་། གཞི་རིམ་དུ་བསམ་འཆར་ཆེན་པོ་ཡོད་པའི“ཅི་ཞིག་བྱེད་དགོས་པ་མི་ཤེས་པ་དང་། ཇི་ལྟར་བྱེད་དགོས་པ་གསལ་པོ་མི་ཤེས”པའི་གནད་དོན་ལ་དམིགས་ནས་ལས་རིམ་བསྐྱར་བཟོ་དང་དབང་འགན་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། མ་ལག་དབྱེ་དགར་དང་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་བྱས་ནས། ལམ་ལུགས་བར་དང་སྡེ་ཁག་བར། རིམ་པའི་བར་བཅས་ཀྱི་འགན་འཁྲིའི་དབྱེ་མཚམས་སྔར་ལས་གསལ་པོ་བཟོས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་རྣམ་གྲངས་ཀྱི་འོས་དཔོད་ཐོབ་ཐང་གི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》དང《མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་རྣམ་གྲངས་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་བཅོས་སྐྱོང་གི་ཕན་ནུས་སྔར་ལས་འདོན་སྤེལ་གང་ལེགས་ཐུབ་པ་བྱས།
སྐྱེ་ཁམས་མཐུན་འཕྲོད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་ནགས་རྩྭའི་མ་ལག་གིས་སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་གཟབ་ནན་གྱི་བླང་བྱ། སྔར་ལས་ཏན་ཏིག་གི་བྱེད་ཐབས་བཅས་ལ་བརྟེན་ནས་མུ་མཐུད་དུ་ནགས་རྩྭའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།