
ཉིན་རེར། རང་རྒྱལ་དུ་མི་ཐེངས་དུང་ཕྱུར་གཅིག་ལྷག་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ལ་བརྟེན་ནས་ཕྱིར་སྐྱོད་བཞིན་ཡོད། ད་ལོ་ནས་བཟུང་། ས་ཆ་མང་པོ་ཞིག་གིས་དགོས་མཁོར་གཞིགས་ནས་ཞབས་ཞུ་དང་མཇུག་མཐའི་འབྲེལ་མཐུད་སོགས་ཞིབ་ཆ་ཅན་གྱི་བཅོས་སྒྱུར་བརྒྱུད། སྤྱི་སྤྱོད་རླངས་འཁོར་གྱི་ཕྱི་སྐྱོད་སྔར་ལས་ནུས་མཐོ་དང་སྟབས་བདེ་བཟོས་ཡོད།
ད་ལོ་ནས་བཟུང་རང་རྒྱལ་ཀྱི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་དེ“དགོས་མཁོ་ལྟར་ཞབས་ཞུ”བྱེད་པར་བསྒྱུར་བཞིན་ཡོད། ཅང་སུའུ་སུའུ་ཀྲོའུ་རུ། འགྲུལ་པ་མི་ཉུང་བ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་གྱི་སྒེའུ་ཁུང་དང་ལག་སྐྱོར་ཐོག་ཏུ“ས་ཚུགས་རེ་རེར་མི་འདུག་པས། མར་འབབ་ཚེ་དྲིལ་བརྡ་གནོན་རོགས”ཞེས་དྲན་སྐུལ་བྱས་ཡོད་པ་མཐོང་། འབབ་ཚུགས་སུ་སྒུག་མཁན་མེད་པ་དང་། རླངས་འཁོར་དུ་དྲིལ་བརྡ་གཏོང་མཁན་མེད་ཚེ་རླངས་འཁོར་མྱུར་མོར་སོང་ཆོག
རླངས་འཁོར་ལ་འདུག་མཁན། ཁྲེན་ཏེ་ཧྲན་གྱིས་བཤད་རྒྱུར། ད་བར་དྲིལ་བརྡ་མནན་ན་ཡག་པོ་འདུག ཧ་ཅང་སྟབས་བདེ་རེད་ཟེར།
གསར་གཏོད་བྱེད་སྟངས་དེ་རིགས་ཀྱིས་རླངས་འཁོར་སྐྱོད་ཐེངས་གཅིག་ལ། རླངས་འཁོར་འདུག་ཚད་ཕལ་ཆེར10%ཇེ་ཉུང་དུ་བཏང་ཡོད། མིག་སྔའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་30ལྷག་གིས་རྣམ་པ་དེ་རིགས་ཁྱབ་གདལ་བཏང་ཡོད།
དེའི་མཉམ་དུ་སྤྱི་སྤྱོད་རླངས་འཁོར་གྱི་མཇུག་མཐའི་འབྲེལ་མཐུད་དྲ་བ་མྱུར་མོར་ཆགས་ནས། ཀོང་ཏུང་དང་སི་ཁྲོན་སོགས་ས་ཁུལ་གྱིས“བར་ཐག་ཉེ་བ་དང་། ཐེངས་གྲངས་མགྱོགས་པ། བཀོད་གཏོང་མྱུར་བ”བཅས་ཁྱད་ཆོས་སུ་བྱས་ནས། ས་འོག་ལྕགས་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་གླིང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་སོགས་ལམ་ཐིག་ཤར་གཏོང་བྱས་ཏེ། མཇུག་མཐའི་འགྲོ་སྐྱོད་འབྲེལ་མཐུད་ལེགས་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
མཇུག་མཐའི་འགྲོ་སྐྱོད་སྔར་ལས་སྟབས་བདེ་བ་དང་། རྒན་པར་འཚམ་པའི་ཞབས་ཞུར་སྔར་ལས་དྲོད་ཁོལ་ལྡན། རྒན་པ་དང་འགྲོ་སྐྱོད་མི་བདེ་བའི་འགྲུལ་པའི་ངོས་ནས་བརྗོད་ན། སྤྱི་སྤྱོད་རླངས་འཁོར་གྱི“དྲོད་ཁོལ”དེ་རྐང་སྟེགས་ཀྱི་མཐོ་ཚད་དང་། ལག་སྐྱོར་གྱི་དྲོད་ཚད། ཁ་ལོ་བའི་མངགས་བཅོལ་བཅས་ཀྱི་ཁྲོད་གནས།