རང་རྒྱལ་གྱི་རླུང་གློག་འོད་ཤུགས་རིམ་རྩིས་བྱས་ན་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཉིས་ལས་བརྒལ།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པར།  ད་ལོའི་དུས་ཚིགས་སྔོན་མ་གསུམ་ལ་རླུང་གློག་འོད་ཤུགས་གློག་གཏོང་གི་གློག་འདོན་ཚད་ཕལ་ཆེར་སྟོང་ཝ་དུང་ཕྱུར་གཅིག་བྱེ་བ་བདུན་མང་དུ་ཕྱིན་ཡོད།  ཟླ9པའི་ཟླ་མཇུག་བར།  རྒྱལ་ཡོངས་ཀྱི་རླུང་གློག་འོད་ཤུགས་ཀྱི་གློག་འདོན་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཐེར་འབུམ་གཉིས་ལས་བརྒལ་ནས་སྟོང་ཝ་ཐེར་འབུམ་གཉིས་བྱེ་བ་གཅིག་ལ་སླེབས་ཡོད།  རླུང་འོད་གློག་འདོན་འཕར་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི64%བཟུང་ཡོད་ཅིང་། ནུས་ཁུངས་གསར་པའི་གཞི་ཁྱོན་ཆེན་པོས་སྲོལ་རྒྱུན་གྱི་འགྱུར་རྡོའི་ནུས་ཁུངས་ཀྱི་ཚབ་བྱེད་པའི་ཐཱན་ཉུང་ཕན་འབྲས་རྒྱུན་མཐུད་ངང་ཐོན་བཞིན་ཡོད།

ནུས་ཁུངས་གསར་པ་དེ་ནུས་ཁུངས་དངུལ་གཏོང་སྐུལ་ཁྲིད་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། རྒྱལ་ཡོངས་ཀྱི་རླུང་གློག་དང་ཉི་ནུས་གློག་གཏོང་ཐད་ལེགས་འགྲུབ་བྱུང་བའི་མ་དངུལ་གྱིས་ནུས་ཁུངས་ཁྱབ་ཁོངས་ཀྱི་མ་འཇོག་བསྡོམས་འབོར་ལས་སུམ་ཆའི་གཅིག་ཙམ་ཟིན་ནས། ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་དང་། རྒྱུ་ཆ་ཞིབ་སྤེལ། རིག་ནུས་འཁོར་སྐྱོད་སྲུང་སྐྱོང་སོགས་སྟོད་སྨད་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།