
རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས27ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་མགྱོགས་མྱུར་སྒོས་འཕར།
གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས9པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲག་ཆེན་དྲུག་དང་ཐེར་ཆེན་གསུམ་ཐེར་འབུམ་གསུམ་དུང་ཕྱུར་བདུན་བྱེ་བ་བཞི་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས15.5%འཕར་ཡོད།
སྒུལ་ནུས་གསར་པས་བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་ལ་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། སྔོན་གྱི་དུས་ཚིགས་གསུམ་པར། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས52.0%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཧྲིལ་པོའི་ཁེ་སྤོགས་བསྡུར་ཚད་ཀྱི་བཞི་ཆའི་གཅིག་ལྷག་ཟིན་ཡོད། ལས་རིགས་ཐད་ནས་བལྟས་ན། རྩིས་ནུས་དང་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་གྱིས་འོད་སྐུད་བཟོ་སྐྲུན་དང་འོད་ཐག་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས་སོ་སོར་ལྡབ5.7དང་ལྡབ1.1འཕར་ཡོད།
གློག་རྡུལ་ལས་རིགས་ཀྱིས་ཁེ་སྤོགས་འཕར་བར་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད། ད་ལོར་ཐོན་ལས་རིམ་སྤོར་དང་ལག་རྩལ་རིམ་འཇུག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། གློག་རྡུལ་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་གློད་ཡོད། ཟླ་དང་པོ་ནས་དགུ་པའི་བར་གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས་ལྡབ1.0འཕར་བ་དེ་ནི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་མགྱོགས་མྱུར་ངང་འཕར་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ལས་རིགས་ཞིབ་ཏུ་དགར་ནས་བལྟས་ན། རབས་གསར་པའི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། AIརྩིས་ནུས་དང་སྔོན་ཐོན་གསོག་འཇོག་སོགས་ཁྱབ་ཁོངས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཡོད་ལ། འོད་གློག་ལྷུ་ལག་བཟོ་སྐྲུན་དང་གློག་རྡུལ་ཆེད་སྤྱོད་རྒྱུ་ཆ་བཟོ་སྐྲུན་གྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས་འཕར་སྣོན་མགྱོགས་ཙམ་བྱུང་ཡོད།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཐོན་ལས་དཔལ་འབྱོར་དང་ལག་རྩལ་དཔལ་འབྱོར་ཞིབ་འཇུག་ཁང་བཟོ་ལས་ཁང་གི་ཀྲུའུ་རེན་ཞུས་ཅན་ཝེ་ཡིས་བཤད་རྒྱུར། ཚུལ་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན། ཐོན་ལས་ཀྱི་གྲུབ་ཚུལ་ཧྲིལ་པོ་གསར་པ་དང་། ལེགས་ཕྱོགས་སུ་རིམ་སྤར་བྱེད་བཞིན་ཡོད་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་གསར་དར་ཐོན་ལས་ཀྱི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། རིན་ཐང་མུ་ཕྲེང་གི་རིམ་པ་མཐོ་འབྲིང་གི་ཐོད་བརྒལ་འཕེལ་རྒྱས་སུ་ཕྱིན་པའི་ཕན་འབྲས་མངོན་གསལ་ཐོན་ཡོད་ཟེར།