ལི་ཆང་གིས་སི་ལོ་ཝ་ཁེའི་སྲིད་འཛིན་ལ་མཇལ་འཕྲད་གནང་། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ལོ་ཝ་ཁེའི་སྲིད་འཛིན་ཕེ་ལེ་ཀི་ལི་ཉི་ལ་མཇལ་འཕྲད་གནང་། 

ལི་ཆང་གིས་ཀྲུང་གོ་དང་སི་ལོ་ཝ་ཁེའི་ཕྱི་འབྲེལ་བཙུགས་པའི་ཚུན་ལ།   ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་བས།  རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཡོད། ཚེས28ཉིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་ལ་མཇལ་འཕྲད་གནང་སྟེ།  ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་འཆར་འགོད་གནང་།

ཀྲུང་གོས་སི་ལོ་ཝ་ཁེ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་དར་སྤེལ་དུ་གཏོང་བ་དང་།  འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་འཛུགས་ལ་སྐུལ་འདེད་གཏོང་བ། མཉམ་འགུལ་མཉམ་མཐུད་དང་ནུས་ཁུངས་གསར་པའི་རླངས་འཁོར། མི་ཚུལ་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།   སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་འཛིན་པའི་སྲིད་ཇུས་དེ་སྔར་ལས་བཟང་ཕྱོགས་སུ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ།  ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།  

       ཕེ་ལེ་ཀི་ལི་ཉི་ཡིས་སི་ལོ་ཝ་ཁེ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དེ་མིག་སྔར་ལོ་རྒྱུས་ཀྱི་ཆེས་ལེགས་པའི་དུས་སྐབས་སུ་གནས་ཡོད། སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འགྲོ་འོང་ལ་ཤུགས་བསྣན་ཏེ།   དཔལ་འབྱོར་ཉོ་ཚོང་དང་མི་ཚུལ་རིག་གནས་སོགས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ལ།    སི་ལོ་ཝ་ཁེ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། 

ཝུའུ་ཀྲེང་ལུང་མཇལ་འཕྲད་ལ་ཞུགས།