སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་དམག་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས།
ཁུངས། ཀློག་གྲངས། 4

ཏང་དར་གྱི་སྟོན་ཕྱོགས་ནི་དམར་དར་གྱི་ཁ་ཕྱོགས་ཡིན། ཏང་གི་རྗེས་སུ་འབྲངས་ན་རྒྱལ་ཁ་འཐོབ་ངེས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་དམག་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས། རྒྱ་ཆེའི་དཔོན་དམག་གིས་གཅིག་མཐུན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་།  ཐོག་མཐའ་བར་གསུམ་དུ་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་སྟེ།  དམག་འཛུགས་ཀྱི་རྩ་བ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བླ་སྲོག་བརྟན་པོར་སྲུང་བ། དམག་གྲབས་དམག་འཐབ་ཀྱི་གཙོ་འགན་དང་ལས་འགན་གཙོ་བོར་གཞིགས་ནས།  ཉམས་སད་ཐེག་ཐུབ་པའི་དམག་འཐབ་ཀྱི་འཇོན་ཐང་སྦྱོང་བརྡར་བྱས་ཏེ། བློ་ཐག་རྦད་བཅད་ཀྱིས་བཀའ་འབྱོར་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་པ་བཅས་ཀྱི་དམག་དཔུང་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ལམ་གསར་པ་རུ། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལམ་བུར་བསྐྱོད་དགོས། དམག་ཡོངས་ཀྱི་དཔོན་དམག་གིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཆབ་སྲིད་དག་ཐེར་སྦྱོང་བརྡར་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ་དང་།  ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་རྩ་བའི་ལམ་ལུགས་སྲ་བརྟན་དུ་གཏོང་བ།  གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། རང་རྒྱལ་གྱི་དམག་དཔུང་ལ་ཁྱད་དུ་ཡོད་པའི་ཆབ་སྲིད་ཀྱི་དགེ་མཚན་ནམ་ཡང་སྲུང་འཛིན་བྱེད་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་དགོས་ལ། དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་ནས། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་དགོས། དཔོན་དམག་ཚོས་སྔ་རྗེས་སུ་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་གསུམ་བགྲོད”པའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། དམག་དོན་གྱི་གཞུང་ལུགས་དང་དམག་དཔུང་གི་རྩ་འཛུགས་རྣམ་པ། དམག་དོན་མི་སྣ། གོ་མཚོན་སྒྲིག་ཆས་བཅས་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ལ། ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།