

ཟླ7པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཆིང་ཧྭ་སློབ་ཆེན་དུ་འཛམ་གླིང་ཞི་བདེའི་གླེང་སྟེགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཟླ7པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཆིང་ཧྭ་སློབ་ཆེན་དུ་འཛམ་གླིང་ཞི་བདེའི་གླེང་སྟེགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲེང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ལ། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བ་དང་ས་བབ་ཀྱི་འགལ་རྐྱེན་གཅིག་འཇགས་གཅིག་ལངས་ཡིན་ཞིང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས། བཅོས་སྐྱོང་མཚལ་ཡིག་སྔར་བས་འབུར་ཐོན་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཏོན་ནས། སྔར་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་རིན་ཐང་བྲལ་བའི་བརྟན་བརླིང་རང་བཞིན་དང་དྲང་ནུས་བསྩལ།
ཧན་ཀྲེང་གིས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནས་བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་དང་གོ་གནས་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འགུལ་སྐྱོད་དངོས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ལྟ་བུའི་ནུས་པར་སྲུང་སྐྱོང་བྱས་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་བསྒྲུབས་ཏེ། རྒྱལ་ཁབ་ཁག་དང་མཉམ་དུ་དམག་འཁྲུག་མཇུག་བསྒྲིལ་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད། གཉིས་ནས་ཕྱོགས་མང་རྐྱེན་སྲོལ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྒྲུབ་བྱེད་པ་གོ་སྐབས་སུ་བཟུང་ནས། ཕྱོགས་སོ་སོས་མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་བར་ཐུན་མོང་ཚོགས་པ་འཛུགས་ངེས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ཏུ་བསྟར་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། གསུམ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འདྲ་མཉམ་དང་། སྒོ་འབྱེད། མཉམ་ལས། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ལྟ་བ་བཏོན་ཏེ། དྲང་གཞག་དྲང་བདེན་དང་། སྒོ་འབྱེད་ཁོང་ཡངས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་འཛུགས་པའི་འདོད་ཚུལ་བཏོན། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་ཆེ་རུ་བཏང་སྟེ། རྒྱལ་ཁབ་སོ་སོས་མཉམ་དུ་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ངེས། བཞི་ནས་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོས<<གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གྲོས་འགོ>>བཏོན་ནས། མི་རྩ་བར་འཛིན་པ་དང་རིག་ནུས་དགེ་བར་ཕྱོགས་པ་རྒྱུན་འཁྱོངས་བྱ་རྒྱུ་དར་སྤེལ་གཏོང་ངེས། ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་འཛམ་གླིང་བཅོས་སྐྱོང་གི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་གོ་སྐབས་སུ་བཟུང་སྟེ། ཕྱོགས་སོ་སོར་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་གི་ངོས་འཛིན་ལྡན་པའི་འཛམ་གླིང་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་གྲུབ་པར་སྐུལ་འདེད་གཏོང་ངེས།
ཕ་ཁི་སི་ཐན་གྲོས་ཁང་གོང་མའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཟུར་པ་མུའུ་ཧྲ་ཞི་ཏེ་དང་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཅིན་ཞིན་ཧོན་སོགས་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་པ་སོགས་མི400ལྷག་མཛད་སྒོར་ཞུགས།