

ཟླ7པའི་ཚེས3ཉིན། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱས་ནས། ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་རྒོལ་ལམ་བུའི་ཐོག་ཡག་པོར་བསྐྱོད་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་ཚེས3ཉིན་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱས་ནས། ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་རྒོལ་ལམ་བུའི་ཐོག་ཡག་པོར་བསྐྱོད་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ལི་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ལོ་བརྒྱའི་ཏང་ཆེན་པོས་དུས་རབས་ཀྱི་བྱ་གཞག་རླབས་ཆེན་གཏོད་པའི་གདེང་ཚོད་དང་དཔའ་སྟོབས་མངོན་ཡོད་པ་དང་། ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལེའུ་གསར་པ་མུ་མཐུད་དུ་རྩོམ་པའི་ཆོད་སེམས་བརྟན་པོ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་མཛུབ་སྟོན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་རེད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་རེའི་ཏང་གིས་ལོ་ངོ105ཡི་རིང་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་གྲུབ་འབྲས་རླབས་པོ་ཆེ་ལ་གོ་བ་གཏིང་ཟབ་ལེན་པ། རང་རེའི་ཏང་གིས་འོད་སྟོང་འཕྲོ་བའི་ཕུལ་བྱུང་གི་ཁྱད་ཆོས་དང་འགག་རྩའི་གསང་ཨང་རྒྱུན་མི་ཆད་པར་གཏོད་པ། ང་ཚོའི་ཏང་གི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་གི་འགན་འཁྲི་དང་ལས་འགན། འགན་འཁྲི་འཁུར་སེམས་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་ལ་བརྟེན་ནས་སྐྱེས་པ་དང་ཏང་གི་ཆེད་དུ་འཐབ་པའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་མཐའ་གཅིག་ཏུ་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས།
ལི་ཞི་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་རྩ་བའི་བསྲུང་བྱ་ཡིན་པས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་ཀྱིས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་མཐའ་གཅིག་ཏུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་དུ་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱས་ནས། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་གཅོད་བྱས་ཏེ་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། ཚོས་གཞི་མི་འགྱུར་བ་བྱེད་དགོས།
ལིའུ་ཅིན་གོ་ཚོགས་འདུར་ཞུགས།