
ཟླ7པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་དང《ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་སྟེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གྲུབ་པ་དེས་ཏང་ཡོངས་ཀྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བརླིང་ངང་རྒྱང་རིང་དུ་སྐྱོད་པར་དངོས་ཡོད་ཀྱི་དོན་སྙིང་དང་ཡུན་རིང་གི་མཛུབ་སྟོན་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ། བསམ་བློའི་སྟོབས་ཤུགས་རླབས་ཆེན་དེ་ཏང་འཛུགས་སྐྲུན་དང་མཚོ་སྔོན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་དངོས་གནས་བསྒྱུར་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱེད་པ་དང་། དེའི་ནང་འདུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་མི་གཤིས་ཀྱི་སྟོབས་ཤུགས་གཏིང་ཟབ་སྒོས་རྟོགས་པར་བྱས་ཏེ། “རྒྱུན་འཁྱོངས་བཅུ་བཞིའི”ཚན་རིག་གི་ནང་དོན་གཏིང་ཟབ་སྒོས་རྟོགས་པར་བྱེད་པ་དང་། དངོས་གནས་སློབ་སྦྱོང་དང་དངོས་གནས་ཤེས་རྟོགས། དངོས་གནས་ཡིད་ཆེས། དངོས་གནས་བེད་སྤྱོད་བཅས་བྱས་ནས་ཆབ་སྲིད་ཀྱི་མོས་མཐུན་དང་། བསམ་བློའི་མོས་མཐུན། གཞུང་ལུགས་ཀྱི་མོས་མཐུན།་བརྩེ་དུང་གི་མོས་མཐུན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་སློབ་སྦྱོང་དང་གསོ་སྦྱོང་། དྲིལ་བསྒྲགས་དང་འཆད་འགྲེལ། ལག་བསྟར་དོན་འཁྱོལ་བཅས་ཀྱི་ཐད་ལ་ཤུགས་རྒྱག་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ལ། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ཤེས་པ་དང་དོན་སྙིང་ཤེས་ལ་གནས་ལུགས་ཀྱང་ཤེས་པར་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བྱེད་པ་དང་། མ་ལག་ཅན་དང་རིགས་ལམ་ཅན་དུ་འགྱུར་བའི་ཞིབ་འཇུག་དང་འཆད་འགྲེལ་ཡག་པོ་བྱས་ཏེ། རང་འགུལ་ངང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་འཆར་འགོད་དང་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་གཉིས་བཀོལ་སྤྱོད་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོ། ལས་རིགས་སོ་སོའི་ཏང་འཛུགས་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སྔར་ལས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཧྥུན་ཁྲུན་དང་ལིའུ་མེ་ཕིང་། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁེ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། ཧོ་ལུའུ་ཁྲུན། ཚའོ་ཅུན་བཅས་གྲོས་ཚོགས་སུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།