རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞབས་ཞུའི་ལས་རིགས་ཀྱི་བྱེད་ནུས་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་ཐད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམས་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞབས་ཞུའི་ལས་རིགས་ཀྱི་བྱེད་ནུས་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་ཐད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམས་བྱས། བསམ་འཆར་ལས། དགོས་མཁོ་ཡིས་སྣེ་ཁྲིད་པ་དང་། བཅོས་སྒྱུར་འགག་སྒྲོལ་བྱེད་པ། ཚན་རྩལ་ལ་བརྟེན་ནས་བྱེད་ནུས་རྒྱ་སྐྱེད་པ། སྒོ་འབྱེད་མཉམ་ལས་བྱེད་པ་བཅས་འབུར་དུ་ཐོན་པར་བྱེད་དགོས་ཤིང་། ཞབས་ཞུའི་ལས་རིགས་ཀྱི་བྱེད་ནུས་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་གཏོང་བ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་རྩེར་སོན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་སྤུས་ཚད་མཐོ་བ་དང་སྣ་མང་ཅན། སྟབས་བདེ་ཅན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 2030ལོར་སླེབས་སྐབས། ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་སྒོར་རབ་བཀྲམ་ཆེན་མོ་གཅིག་གི་ཚད་ལ་སླེབས་དགོས་ཤིང་། ཀྲུང་གོའི་ཞབས་ཞུའི་ཟོང་རྟགས་སྔར་ལས་མང་བ་གསོ་སྐྱོང་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་འཛམ་གླིང་འགྲན་རྩོད་བྱེད་ནུས་དང་ཤུགས་རྐྱེན་མངོན་གསལ་གྱིས་ཇེ་ཆེ་རུ་འགྱུར་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་མུ་མཐུད་དུ་ཇེ་ཆེར་འགྲོ་དགོས་པའི་བླང་བྱ་བཏོན།