ཀྲའོ་ལེ་ཅི་ཡིས་མོ་ཙམ་པི་ཁེའི་སྲིད་འཛིན་ལ་མཇལ་འཕྲལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ4པའི་ཚེས21ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པའོ་ལ་མཇལ་འཕྲད་གནང་། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པོ་ལ་མཇལ་འཕྲད་གནང་། ཀྲའོ་ལེ་ཅི་ཡིས་ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ལ་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་གྲོས་མོལ་གནང་སྟེ། ཀྲུང་གོ་དང་མོ་ཙམ་པི་ཁེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་བཏོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་དང་། ཆབ་སྲིད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་པ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། བཅོས་སྒྱུར་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས། སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་འདོད་ཡོད་པ་བསྟན།  ཀྲའོ་ལེ་ཅིས་ད་དུང་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།

ཁྲ་པོ་ཡིས་བསྟན་དོན། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ།  ཁྲིམས་འཛུགས་ལས་ཁུངས་བར་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བཅས་བྱས་ཏེ། ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

བློ་བཟང་རྒྱལ་མཚན་མཇལ་འཕྲད་ལ་ཞུགས།

ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྐྱོད་དེ། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།