མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཡིག་ཐོག་ནས་བརྒྱུད་སྒྲོག་བྱས་པ་དང་། 2025ལོའི་བྱ་བར་སྤྱི་བསྡོམས་དང2026ལོའི་འགན་འཁྲི་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ་དང་ས་གནས་ལོ་རྒྱུས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། རྒྱལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་སྡེ་ཁག་གི་འགན་འཁྲིའི་མི་སྣ་གཙོ་བོའི་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་ས་གནས་ལོ་རྒྱུས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ།     《ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་བའི་སྲོལ་ཡིག》དང《ས་གནས་ལོ་རྒྱུས་བྱ་བའི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་ཉར་ཚགས་དང་སྲིད་སྐྱོང་ལས་རོགས། མི་སྣ་གསོ་སྐྱོང་བཅས་ཀྱི་སྲོག་ཤིང་གི་འགན་ནུས་བཅས་ལ་དམ་པོར་དམིགས་ནས། ཁྱད་སྟོབས་སྲ་བརྟན་དང་རྒྱ་བསྐྱེད་པ། དཀའ་གནད་དང་བཀག་རྒྱ་མེད་པར་བཟོ་བ།     ཆད་སྐྱོན་དང་ཞན་ཆ་གསབ་རེས་བཅས་བྱས་ཏེ། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་དང་ས་གནས་ཀྱི་ལོ་རྒྱུས་ལས་དོན་སྐས་རིམ་གསར་པར་སྙེག་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་དུས་རབས་གསར་པའི་མཚོ་སྔོན་གྱི་ལོ་རྒྱུས་བྱ་བ་ཡག་པོར་སྒྲུབ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ“ཏང་གི་ལོ་རྒྱུས་ལ་ཏང་གིས་འགོ་ཁྲིད་པ”རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་འགྲེང་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་འཛིན་དགོས།     ཞིང་ཆེན་ཏང་ཨུའི་ལྟེ་གནས་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་དམ་པོར་དམིགས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་།     སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། འགན་འཁྲི་དང་ལས་རིགས་གཙོ་བོར་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་ཉར་ཚགས་དང་དཔྱད་གཞིར་འཛིན་ཐུབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་རྩེ་གྲ་བསྐྲུན་དགོས། ལོ་རྒྱུས་ཀྱི་མཉམ་འདྲེས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་སྒོ་འབྱེད་ནས་ལོ་རྒྱུས་རྩོམ་འབྲི་དང་ལོ་རྒྱུས་བཟོ་བཅོས་བྱེད་པ། ལོ་རྒྱུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།     ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་གཟབ་ནན་དང་དམ་འཛིན་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་དང་གྲོང་ཁྱེར་སོ་སོའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།