

ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱི་ཆེད་བསྐོས་ཕོ་ཉའི་ཆ་ནས་འཚམས་འདྲིར་ཕེབས་པའི་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་དང་མཇལ་འཕྲད་གནང་།
ཟླ4པའི་ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱི་ཆེད་བསྐོས་ཕོ་ཉའི་ཆ་ནས་འཚམས་འདྲིར་ཕེབས་པའི་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱུན་ལས་ཙུང་ལི་གཞོན་པ་ཧྲ་ལུན་སའེ་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལའོ་ཝུའུ་ཏང་གཉིས་ཀྱིས་མངགས་པའི་ཆེད་མངགས་ཕོ་ཉས་རང་སོ་སོའི་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་ཁྱབ་བསྒྲགས་གནང་བ་དེས་ཕྱོགས་གཉིས་ཀའི་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་དང་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱས་པ་མངོན་ཡོད། ད་ལོ་ནི་ཀྲུང་གོ་དང་ལའོ་ཝུའུ་བར་འབྲེལ་བ་བཙུགས་ནས་ལོ་ངོ65འཁོར་བའི་ལོ་དང་། “ཀྲུང་གོ་དང་ལའོ་ཝུའུ་ཡི་མཛའ་བརྩེ་ལོ”རེད། ཉེ་སྔོན། ངས་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་དང་ལའོ་ཝུའུ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དམིགས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གཙོ་བྱས་པའི་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལའོ་ཝུའུ་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་དཀའ་ངལ་འགག་སྒྲོལ་བྱས་ནས། དམིགས་འབེན་ལས་འགན་སོ་སོ་བདེ་བླག་ངང་འགྲུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བརྟན་པོར་བསྐྱོད་དེ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར། ཀྲུང་གོ་དང་ལའོ་ཝུའུ་ཕྱོགས་གཉིས་ཀས་མུ་མཐུད་ནས“ཡིག་འབྲུ་བཅུ་དྲུག”གི་བྱེད་ཐབས་དང“ཡག་པོ་བཞིའི”སྙིང་སྟོབས་མཐའ་འཁྱོངས་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གོ་གནས་སུ་ལངས་ནས། མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་དང་། འཐབ་ཇུས་འབྲེལ་མཐུད་ཟབ་སྤེལ། དངོས་གཉེར་མཉམ་ལས་རྒྱ་སྐྱེད། ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཀྲུང་གོ་དང་ལའོ་ཝུའུ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་གསར་པ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས། ཀྲུང་གོ་དང་ལའོ་ཝུའུ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དེ་ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་དམིགས་འབེན་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
ཧྲ་ལུན་སའེ་ཡིས་ཐུང་ལུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྲིས་པའི་འཕྲིན་ཡིག་བརྒྱུད་བསྒྲགས་གནང་ཞིང་། ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་ནས། ཀྲུང་གོས་ཡུན་རིང་བདེ་འཇགས་བརྟན་ལྷིང་གི་རྒྱལ་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་མཐུད་ངང་འཕར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་ནས་རྒྱལ་སྤྱིའི་གར་སྟེགས་སྟེང་གི་ནུས་པ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་སྟབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་ལའོ་ཝུའུ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ལའོ་ཝུའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།