ཞི་ཅིན་ཕིང་གིས་མཛད་སྒོ་བསྡུས་ནས་མོ་ཙམ་པི་ཁེའི་སྲིད་འཛིན་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས21ཉིན་གྱི་ཕྱི་དྲོར།   མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་བསྡུས་ཏེ།    མོ་ཙམ་པི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཏན་ཉིར་ཨར·ཧྥུ་ལང་ཞི་སི་ཁོ་·ཁྲ་པོ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་ནས།     གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ།  

  ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།  

ཁྲ་པོ་དང་ལྷན་དུ་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ལ་སྲིད་འཛིན་གྱི་སྐུ་ཟླ་དང་།    མོ་ཙམ་པི་ཁེ་བཅིངས་འགྲོལ་འཐབ་ཕྱོགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི།   ཕྱི་འབྲེལ་དང་མཉམ་ལས་པུའུ་ཡི་པུའུ་ཀྲང་སོགས་ཡོད།      

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།      ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་མཛད་སྒོར་ཞུགས།     

དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་མོ་ཙམ་པི་ཁེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།    

 ཁྲ་པོ་ཡིས་ཞི་ཅིན་ཕིང་དང་ལྷན་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།    

 རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྡིངས་ཆར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་ཁག་བགོས་རྣམ་པར་གཟིགས།   

 ཁྲ་པོ་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།