ཞི་ཅིན་ཕིང་གིས་སུའུ་ལིན་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ན་གཞོན་འཐུས་མིར་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ4པའི་ཚེས15ཉིན་གྱི་སྔ་དྲོ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ལྷན་དུ“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”ལ་ཞུགས་མཁན་ཀྲུང་གོ་དང་ཡོ་ནན་གྱི་ན་གཞོན་འཐུས་མིར་མཇལ་འཕྲད་གནང་། 

ཟླ4པའི་ཚེས15ཉིན་གྱི་སྔ་དྲོ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ལྷན་དུ“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”ལ་ཞུགས་མཁན་ཀྲུང་གོ་དང་ཡོ་ནན་གྱི་ན་གཞོན་འཐུས་མིར་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གཉིས་ཀྱིས་མཉམ་དུ“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”ལས་གཞི་སྤེལ་འགོ་བརྩམས་པ་དང་། ལོ་ངོ་གཅིག་གི་རིང་། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་མཉམ་དུ་ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེའི་གསར་བརྗེའི་གཞི་རྒྱུ་འཚོལ་ཞིབ་བྱས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཟི་དཔལ་ཚོར་ཏེ། ཀྲུང་གོའི་ས་གནས་སོ་སོ་རུ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་གཞིར་འཛིན་པ།  ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་པོ་བྲིས་ཡོད་པ་བསྟན། ཅང་མ་འགོར་བའི་སྔོན་ལ། ང་ལ་ཡོ་ནན་གྱི་ཧོ་ནེ་རྒྱལ་ཁབ་སློབ་ཆེན་གྱི་ཕྱི་སྐད་ཁོངས་གཏོགས་འབྲིང་རིམ་སློབ་གྲྭའི་སློབ་མ་ཚོས་རྒྱ་ཡིག་གིས་བྲིས་པའི་ཡི་གེ་འབྱོར་ཞིང་།“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”ལ་ཞུགས་པའི་མྱོང་ཚོར་ཟབ་མོ་མཉམ་སྤྱོད་ཐུབ་པ་བྱུང་བ་དང་། ཀྲུང་གོ་དང་ཡོ་ནན་བར་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་མཁན་དང་ཁྱབ་སྤེལ་བྱེད་མཁན་བྱ་རྒྱུའི་འདུན་མ་བརྟན་པོ་ཡོད་པས།  ང་ཧ་ཅང་དགའ་པོ་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ན་གཞོན་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྐྱེ་ལྡན་སྟོབས་ཤུགས་ཡིན་ལ། ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ལས་དོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་མཁན་ཞིག་ཀྱང་ཡིན། ངས་ཚང་མར་རེ་བ་གསུམ་འདོན་རྒྱུ་སྟེ། གཅིག་ནི་ཁྱེད་ཚོས་ལྟ་རེས་སྐྱོང་རེས་བྱས་ནས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི“བློ་མཐུན་དང་སྤུན་ཟླའི”བརྩེ་བ་ཟབ་མོ་འཆང་ཐུབ་པ་བྱ་རྒྱུ་དང་། གཉིས་ནི་ཁྱེད་ཚོས་འགན་འཁུར་ཕོད་པ་བྱས་ཏེ་ལང་ཚོའི་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པར་བརྟེན་ནས་གསར་གཏོད་དང་། སྒོ་འབྱེད། མཉམ་ལས། གཉིས་ཕན་བཅས་ཡར་རྒྱས་གོང་འཕེལ་ཡོང་བར་བྱ་རྒྱུ། གསུམ་ནི་ཁྱེད་ཚོས་བློ་ཁོག་ཡངས་པོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གདོང་ལེན་རུ་ཁག་བྱས་ཏེ། མིའི་རིགས་ཡར་ཐོན་ཡོང་བའི་ལས་དོན་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་བཅས་ཡིན།

སུའུ་ལིན་གྱིས་བསྟན་དོན། “གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”འགོ་བཙུགས་ནས་ལོ་གཅིག་འགོར་བའི་རིང་། ཡོ་ནན་གྱི་གཞོན་ནུ་ཆིག་སྟོང་ལྷག་འགོ་ཁྲིད་རྒན་པའི་ཞབས་རྗེས་བརྒྱུད་ཀྲུང་གོའི་གསར་བརྗེའི་རྗེས་ཤུལ་དུ་འཚམས་འདྲིར་བསྐྱོད་དེ། རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་སྲོལ་རྒྱུན་དང་མཛའ་བརྩེ་ཟབ་མོ་རྟོགས་ཡོད། ན་གཞོན་ནི་ཡོ་ནན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཟམ་པ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཚན་རིག་ཤེས་བྱ་ཁོང་དུ་ཆུད་པ་དང་། ཡོ་ནན་དང་ཀྲུང་གོའི་བར་གྱི་འབྲེལ་བར་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལ་ནུས་པ་གལ་ཆེན་འདོན་དགོས།

“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”གྱི་བྱེད་སྒོར་ཞུགས་མཁན་ཡོ་ནན་ཕྱོགས་ཀྱི་ན་གཞོན་འཐུས་མི200ལྷག་དང་ཀྲུང་གོ་ཕྱོགས་ཀྱི་ན་གཞོན་འཐུས་མི100ལྷག་ཐེངས་འདིའི་བྱེད་སྒོར་ཞུགས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱིས་ཕྱོགས་གཉིས་ཀྱི་འགོ་ཁྲིད་པས་གནང་བའི་གསུང་བཤད་གལ་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། 

“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”གྱི་བྱེད་སྒོ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཟླ4པར་ཡོ་ནན་དུ་འཚམས་འདྲི་གནང་བའི་སྐབས་སུ་སུའུ་ལིན་དང་མཉམ་དུ་ཁྱབ་བསྒྲགས་གནང་བ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ན་གཞོན་རྣམས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པ་རྣམས་ཀྱི་གསར་བརྗེའི་ཞབས་རྗེས་སྙེག་ནས། ཀྲུང་གོ་དང་ཡོ་ནན་གྱི་མཛའ་བརྩེའི་གསར་བརྗེའི་གཞི་རྒྱུ་འཚོལ་ཞིབ་བྱས་ནས།  རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད་རེད།