ཞི་ཅིན་ཕིང་གིས་མཛད་སྒོ་སྤེལ་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས15ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་སྤེལ་ནས། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། 

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིན་ལིས་ཡོན་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་སོགས་དགའ་བསུའི་མཛད་སྒོར་ཞུགས།

སུའུ་ལིན་དང་མཉམ་དུ་ཀྲུང་གོར་ཡོང་མཁན་ལ། ཀྲུའུ་ཞི་ཁོ་རང་གི་བཟའ་ཟླ་ཝུའུ་ཧྥང་ལི་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཁྲེན་ཅིན་ཞིའུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕེ་ཧྲི་མིང་ཧོའེ།  རོན་ཝེ་ཡུས།  ཕན་ཝུན་ཅང་།  ལེང་སན་ཀོང་། རོན་ཆིང་དབྱི། ལི་ཧོའེ་ཀྲུང་།  ཏོན་མིང་ཞུན། ཁྲེན་ཏེ་ཧྲེང་སོགས་ཡོད།

དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས21བརྒྱབ།

སུའུ་ལིན་གྱིས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཏུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཕྱིར་གཟིགས་ཞིབ་སྡིངས་ཆར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་ཁག་བགོས་རྣམ་པར་གཟིགས།

དེའི་རྗེས་སུ། དམག་དཔུང་རོལ་ཆའི་རུ་ཁག་གིས་འབུད་དཀྲོལ་འཁྲབ་སྟོན་བྱས།

སུའུ་ལིན་ནི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བ་རེད།